བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་པ།

བོད་ཡིག་འབྲི་སྐབས་ནོར་ཆོག་གི་མེད་པ་འདྲ་བོར་བརྩིས་ན། བོད་ཡིག་བེད་སྤྱོད་བྱེད་པར་འགོག་རྐྱེན་འགྲོ་ཡི་འདུག་བསམ་གྱི་འདུག་”ཅེས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་གསུངས་སོང།

ལི་ཐང་དབྱིག་གཉེན་གྱི་སྙན་ངག་ཚན་པ་བཞི།

ལི་ཐང་དབྱིག་གཉེན།   ནོར་གླིང་མཐོ་སློབ། ཚེ་བསོད་ཟད་པའི་སྔ་གཞུག        ཚེ་བསོད་ཟད་པའི་སྔ་ནུབ་ཏུ།། ལས་ཀྱི་མཁའ་རླུང་ན་བུན་འཐིབ།། གྲིབ་མ་གཅིག་པུ་འཁོལ་ཤུལ་དུ།། ལང་ཚོ་མངས་པོ་དོན་མེད་རུལ།།

སྨག མེ་ཟླུམ། ཕ་ཡུལ། ཁམས་རྟའུ།

ས་གཞི་རྡུལ་གྱིས་གང་བའི་སྲང་ལམ་གྱི་བར་ན།། སྨག་གི་ལྭ་བ་ནག་པོ་རྒྱབ་གོས་སུ་བྱས་ནས།། དགུན་གྱི་ཁ་བའི་ཁྲོད་དུ་རྐང་རྗེས་ཤིག་བྲིས་ཀྱང་།། གསེར་གྱི་སྒོ་ཆེན་དེ་ལ་ལྕགས་ཟྭ་ཞིག་བརྒྱབས་འདུག།

དུང་སེམས་རླབས་ཀྱི་ཟེགས་མ།

འཇུ་སྐལ་བཟང་། དང་པོའི་ན་ཆུང་གི་བརྩེ་དུང་།།  དྭངས་གསལ་ཆུ་ངོགས་ཀྱི་ཟླ་བ།།  ལག་པས་འཛིན་རྒྱུ་ཞིག་མེད་ཀྱང་།།  སེམས་པས་འགོག་ཐབས་རང་མི་འདུག།   མཆུ་སྒྲོས་པད་འདབ་ཀྱི་ཟིལ་བ།།  ང་ལ་གནང་འདོད་ཅིག་མེད་ན།།  ཟུར་མིག་གེ་སར་གྱི་མདའ་མོས།།  སྙིང་ལ་གཙག་པ་རང་མ་གནང་།།

བརྩེ་དུང་རྨས་མ་ཞིག

གསལ་བཤད། དངོས་ཡོད་གནས་ཚུལ་གྱི་དོན་རྐྱེན་ཞིག་ལ་གཞི་བྱས་ཏེ་བྲིས། ཡངས་ཤིང་རྒྱ་ཆེ་བའི་གོ་ལ་ཟླུམ་པོ་འདིར། ན་གཞོན་གྱི་ལང་ཚོ་དར་ལ་བབ་པའི་སྐྱེ་བོ་གྲངས་ལས་འདས་ནའང་། སོ་སོའི་བསོད་ནམས་དང་དབང་ཐང་གིས་མི་ཚེའི་ཁ་ཕྱོགས་མི་གཅིག་པ་ནི་ཆོས་ཉིད་ཅིག་ཡིན་དུས།

བརྩེ་སེམས་ཀྱིས་བསླུས་པའི་ཨ་མའི་རྫུན་གཏམ་བརྒྱད།

ང་བྱིས་པ་ཆུང་ཆུང་ཡིན་དུས་ཤིག་ནས་སྒྲུང་འདི་འགོ་བརྩམས་པ་རེད།  ང་ནི་མི་ཚང་ཧ་ཅང་སྐྱོ་བོ་ཚང་ཞིག་གི་བུ་ཡིན།  ང་ཚོ་ལ་འདང་ངེས་ཀྱི་ཟས་ཀྱང་བཟའ་རྒྱུ་མེད་པས།  ཟ་མ་བཟའ་ཐུན་སླེབས་ཐེངས་རེར། ཨ་མས་ཁོང་མོོའི་ཕོར་བའི་ནང་གི་འབྲས་ཕྱེད་ཀ་དེ་ངའི་ཕོར་བུའི་ནང་བླུགས་ནས།གཅེས་ཕྲུག་འདི་ཟོ་དང་ཨ་མ་ལྟོགས་ཀྱི་མི་འདུག་ཟེར། དེ་ནི་ཨ་མའི་རྫུན་གཏམ་དང་པོ་ཡིན།

བས་མཐའི་མཚན་མོ།

ལྷགས་རླུང་གྲང་བས་ལྡང་བའི་མཚན་མོ་འདིར།། སྐར་ཚོགས་གྲངས་མེད་བརྒལ་བའི་འོད་ཀྱིས་བཀྲ། བས་མཐའི་ཁེར་རྐྱང་བདག་གི་སེམས་ངོགས་སུ།། ཕྱི་ཐག་རིང་བའི་གཟུགས་བརྙན་མངོན་དུ་འཆར།།

མཚན་མོའི་ཟློས་གར།

དབང་སྔོན་རྒྱ་མཚོ་འཁྱིལ་པའི་མཁའ་དབྱིངས་སུ།། རྩེད་དགའི་ཉམས་འགྱུར་སྒྱུ་འཕྲུལ་ཟླ་བའི་ཞལ།། མྱོས་པའི་འཁྲི་ཤིང་ནགས་ཀློང་གར་སྟེགས་སྟེང་།། མཚན་མོ་བཞད་པའི་ཟློས་གར་ཁྱེད་ཀྱིས་འཁྲབ།།

རང་སྐྱོང་གི་ཁེ་དབང་།

ལུག་ཞོ་པོས་བརྩམས། བོད་འགྱུར་མ། རྟ་ནག་སྐལ་བཟང་ལུང་རིགས། དམག་ཆེན་གཉིས་པའི་རྗེས་སུ་རང་སྐྱོང་གི་ཁེ་དབང་ཡང་སྤང་ལ་མེ་སྟག་འཐོར་བ་བཞིན་ཕྱོགས་གང་སར་ཁྱབ་པར་གྱུར་ཅིང་། “མི་བུའི་ཆེས་མཐོའི་ཁེ་དབང་”ཡང་མི་བུ་རེ་རེ་ཡི་སེམས་ལ་བྱིང་པར་གྱུར། གྲངས་ཉུང་མི་རིགས་ཀྱི་རང་དབང་དང་རང་བཙན་གྱི་འདུན་པས་ཀུན་ནས་བསླངས་པའི་མི་རིགས་ཀྱི་འགལ་བ་མཐའ་དག་ཀྱང་ཐག་གཅོད་བྱ་ཐུབ་པ་བྱུང་ཞིང་།