ཁམས་གསེར་ཐིག་གི་བསྒྱུར་རྩོམ་གཉིས།

དུར་ཁྲོད། བྷོ་ཀྲིལ། གལ་ཏེ སྐྱོ་གདུང་གིས་མནར་བའི་མཚན་སྨད་ཅིག་ལ སྙིང་རྗེ་བའི་ཡེ་ཤུའི་ཆོས་པ་ཞིག བྱམས་བརྩེའི་ངང་ཁྱེད་ཀྱི་ཉེ་སར་བཅར་ཏེ མི་ཚོགས་ཀྱིས་བསྔགས་བརྗོད་བླ་མེད་ཕུལ་མྱོང་བའི་ཁྱེད་ཀྱི་བེམ་པོ གྱོང་རོ་གང་གི་རྒྱབ་ཏུ་སྦས སྐབས་དེར   དུག་སྤྲུལ་གྱིས་ཡུལ་དེར་ཚང་བཅས སྡོམ་ནག་གིས་ས་དེར་གནས་བཟུང དྭངས་གཙང་ངང་འཚེར་བའི་སྐར་ཚོགས་ཀྱིས་ཀྱང