རླུང་རྟ།

                                           ས་རཱ་མཐོ་སློབ། ཤར་སྒང་པདྨ་རྣམ་རྒྱལ།   ང་རང་ཆུང་དུས་ན་མཉམ་གྱི་བྱིས་པ་ཚོ་དང་ལྷན་དུ་བསང་ཁྲིའི་མཐའ་འཁོར་གྱི་རླུང་རྟ་བསྒྲུགས་ཤིང་། དབྱུག་ཐུར་རེར་ཞོན་ཏེ་ལབ་རྩེ་བསྟོད་ཁུལ་བྱས་ནས་རྩེད་རྒྱུར་ཧ་ཅང་དགའ་ལ། དེ་ནི་བྱིས་དུས་ཀྱི་རྩེད་མོའི་ཆ་ཤས་གལ་ཆེན་ཞིག་དང་ནར་སོན་པར་རྔམ་པའི་རེ་སྙེག་ཅིག་ཀྱང་ཡིན། ཕ་ཡུལ་གྱི་བྱིས་པ་ཚོར་མཚོན་ན་ཆེས་ཆེ་བའི་ཕུགས་བསམ་དང་འདུན་མ་ཞིག་ཡོད་པ་ནི་ཁོ་རང་ཚོ་ཡང་ནར་སོན་ནས་མི་རྒན་པ་ཚོ་བཞིན་དུ་རྟ་ལ་ཞོན་ཏེ་ལབ་རྩེ་བསྟོད་རྒྱུ་དང་རླུང་རྟ་སྤུར་རྒྱུ་དེ་ཡིན་ལ། དེ་ལྟར་བྱེད་པ་ནི་རང་ཉིད་སྐྱེས་ཕོ་རབ་ཅིག་ཏུ་འགྱུར་བའི་རྟགས་མཚན་འབའ་ཞིག་ཏུའང་སེམས།

  མི་སེམས་ཀྱི་འཇིགས་སྐྲག

  ས་རཱ་མཐོ་སློབ། པདྨ་བསྟན་འཛིན། (གཡང་གཟི་མིག) འཇིག་རྟེན་སྲིད་པའི་ཡ་ཐོད་ནས་བཟུང་འགྲོ་བ་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་གནས་ཤིག་དང་། ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ལ་ཕུགས་རེ་བཅོལ་ནས་རྩོད་སྒྲུབ་དང་དཀའ་ཐུབ་ཀྱི་འཁོར་ལོ་བསྐོར་ཏེ་ད་ལྟའི་འཐུས་སྒོ་ཚང་བའི་འཛམ་གླིང་འདི་བསྐྲུན་ཡོད་ནའང་། དེ་ནི་འཛམ་གླིང་གི་ཕྱིའི་གཟུགས་ཀྱི་ཆ་རྐྱེན་དེ་སྟབས་བདེ་ཞིང་སྣ་འཛོམས་པ་ཤིག་འགྱུར་ཡོད་པ་ཁོ་ན་ལས་ནང་བསམ་མནོའི་གཡོ་སྒྱུ་ཁྲམ་གསུམ་ཀྱི་སྦྱོར་བ་ངན་པའི་འགོས་ནད་དེ་ད་དུང་དྲགས་སྐྱེད་དུ་གཏོང་ཐུབ་མེད་པ་རེད།

པོ་ཏ་ལ།

ས་རཱ་མཐོ་སློབ། འཕྲིན་ཆོས་ནས། འགྱིང་ངེར་བཞུགས་པའི་པོ་ཏ་ལ། ཁྱེད་ནི། ངོ་མཚར་ཆེ། བརྗིད་ཅིང་ཆགས། འོན་ཀྱང་ཁྱེད་ཀྱི་རང་དབང་རྩ་བ་ནས་འཕྲོག་པས། ཉིན་མཚན་ལ་དབྱེ་བ་མེད་པར། བདག་ལ་སྐྱོ་བ་དང་འཇིགས་སྣང། དངངས་ཚབ་ཀྱིས་ཁེངས་ཤིང། ད་ནི་གདུང་དབྱངས་ཤིག་འདི་ལྟར་ལེན་་ཤོར། པོ་ཏ་ལ། ཁྱེད་ཀྱིས་གསན་པ་ཨེ་བྱུང།གདུང་དབྱངས་ཕྲ་མོ་འདི་ནི། དེ་རིང་ཙམ་མིན་ལ། ཁ་སང་གི་དེ་ཡང་མིན། དེ་ནི་ཡུན་རིང་པོའི་སྔོན་ནས་ཁྱེད་ཕྱོགས་སུ་ཡང་ཡང་སྤྲིངས་ཤིང།

༄༅། །དོ་ནུབ་ཀྱི་ཉི་མ་བཞིན་ནུབ་སོང་བའི་ཁྱོད།

སྟག་ཚང་རིག་རྒོད། ཁ་སང་དགོང་མོར་སོག་པོའི་ལྟད་མོ་ཞིག་ལྟ་བཞིན་མཚན་དཀྱིལ་གྱི་ཆུ་ཚོད་གསུམ་པ་ཟིན་སོང་བས། དེ་རིང་ཞོགས་ཇ་ཡང་འཐུང་རྒྱུ་མ་བྱུང་བར་འཛིན་ཁང་ལ་ཆས་པ་ཡིན། ལྟད་མོ་དེའི་བག་ཆགས་ཡིན་ནམ། ཡང་ན་ཅི་ཞིག་མ་འགྲིག་པ་ཡིན་ངས་ཀྱང་མི་ཤེས་མོད། ཡིད་ཀྱི་ཟབ་ས་ནས་ཁྱོད་དྲན་ཡོང་། དོ་ནུབ་ཀྱི་ཉི་མ་བཞིན་ནུབ་སོང་བའི་ཁྱོད་དྲན་གྱིན་ཡོད། ལོ་ངོ་གསུམ་གྱི་ཡར་སྔོན་དུ་ཁྱོད་ནི་བདག་གི་ཉེ་ས་ན་མེ་ཏོག་བཞིན་བཞད་ཡོད་ཅིང་། ཆུ་དང་ཉ་མོ་བཞིན་འགྲོགས་ཡོད་པས། གྱེས་བྲལ་གྱི་ལོ་ཟླ་རིང་མོའི་ཁྲོད། ངས་ཁྱོད་དྲན་པའི་ན་ཟུག་བཟོད་ཐབས་མི་འདུག

༄༅། །བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དང་འབྲེལ་བའི་ཉམས་མྱོང་དམར་བྲིས།

  ས་རཱ་མཐོ་སློབ།  སྟག་ཚང་རིག་རྒོད། བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་བགྲོ་གླེང་དང་ཟབ་སྦྱོང་སོགས་ཧ་ཅང་མང་། དཔེར་ན་ཆབ་སྲིད་ཟབ་སྦྱོང་དང་། ལས་བྱེད་འོས་སྦྱོང་། མདུན་ལམ་སློབ་སྟོན། ཁྲིམས་ལུགས་ཟབ་སྦྱོང་སོགས་ཡོད་ལ། ཤེས་ཡོན་དང་འབྲེལ་བའི་ཐོག་ནས་དགེ་རྒན་ཟབ་སྦྱོང་དང་འོས་སྦྱོང་སོགས་(སྦྱོང་)ཟེར་བ་དང་(ཚོགས་)ཟེར་བའི་ཐ་སྙད་དེ་ཉིད་ང་ཚོའི་སྤྱི་ཚོགས་ནང་ཤིན་ཏུ་མང་། ང་ཡང་བཙན་བྱོལ་དུ་འབྱོར་ནས་ད་བར་མི་ལོ་བཅུ་ལྷག་ཙམ་སོང་ཞིང་། བགྲོ་གླེང་ཆེན་པོ་དང་ཆུང་ཆུང་། ཟབ་སྦྱོང་ཆེན་པོ་དང་ཆུང་ཆུང་མང་པོར་བཅར་རྒྱུའི་གོ་སྐབས་བྱུང་ལ་སྣེ་འཁྲིད་ཀྱི་ལས་ཀ་ཡང་མི་ཉུང་ཙམ་བྱས་མྱོང་། ཟབ་སྦྱོང་དང་འོས་སྦྱོང་དེ་དག་གི་ཁྲོད་དུ་མིང་ཙམ་ལས་དོན་དུ་གང་ཡང་ཐོབ་རྒྱུ་མེད་པ་ཡོད་ལ། སྤྱི་ཚོགས་ནང་ལ་འགྱུར་བ་ཡོང་རྒྱུ་ཕར་བཞག ཐ་ན་བགྲོ་གླེང་བ་རང་ཉིད་ཀྱང་འགྱུར་བ་མ་ཕྱིན་པའི་ཟབ་སྦྱོང་དེ་འདྲ་མང་པོ་ཡོད་ལ། དོན་སྙིང་ཨོའུ་ཙམ་ཡོད་པ་དེ་འདྲ་ཡང་མང་པོ་ཡོད།

གཅེས་འོས་པའི་ཕ་ཡུལ་དང་དེའི་སྤྱི་ཚོགས།

གཅན་དུག་རླངས། ༡༽ ཕ་ཡུལ་ནི་མཛེས་སྡུག་གི་མེ་ཏོག་གངས་ལྷ་ཞིག་སྟེ། བྱིས་དུས་ནས་རིམ་གྱིས་ཚོར་སྣང་འདྲ་མིན་དཔང་དུ་འཁྱེར་ཏེ་ཡོང་ས་ཡིན། ང་དེ་ལ་ཅིས་ཀྱང་ཞེན་དགོས། ཁྱོད་ཀྱི་ཆེད་དུ་ངས་བསམ་གཞིགས་ཀྱང་བཏང་མྱོང་བ་བདེན་པ་ཡིན། སྐབས་རེར་དྲན་སྣང་གི་བར་མཚམས་རེ་ལ་ཁྱོད་ལ་མི་འཚམ་པ་མང་པོ་ཞིག་ཀྱང་དྲན་ཡོང་། རེད་དེ་སྦ་གསང་ལར་ནས་མི་འདོད།

ཞག་སྒྲོན།

རྩོམ་པ་པོ། ཨ་འདུས་མིག་ཆུ། ཟླ་ཟེར་ཕར་ཟད་སྐར་འོད་ཙམ་ཡང་མེད་པའི་མཚན་གུང་སྟེ། མུན་པ་རབ་ཏུ་ནག་ཅིང་། ཅེ་སྤྱང་གི་ངུ་འབོད་རྒོད་པའི་དུས་སྐབས་རེ་རེ་ནི། ཅི་འདྲའི་ཞེད་སྣང་ཚ་ལ། འཇིགས་སྐྲག་མོད་པའི་ནམ་དུས་དེ་ཡིན་ཨང་། མུན་པའི་བཙན་རྫོང་འཐུག་པའི་ཁོར་ཡུག་ནི་ལྷིང་འཇགས་ཤིག་མིན་ཏེ། ཝ་མོས་གཡོ་ཇུས་བཤམས་ཤིང་། འུག་པས་ལྐོག་མིག་གཏད་དེ། ཅེ་སྤྱང་གི་འདུར་རྒྱུགས་མོད་པས། ཉམ་ཆུང་ཞིང་རང་དབང་ལ་དགའ་བའི་འགྲོ་བ་གཞན་དག་ནི།

འབྲོག་སའི་མཚན་ཆར་དྲན་པ།

  སྒྲེ་བོ། ད་ལྟ། ངས་ནི་གློག་ཀླད་དུ་ཉར་ཚགས་བྱས་ཡོད་པའི་བྱ་བ་ཙག་ཙིག་དག་ཡོངས་སུ་ཚར་རྗེས་གློག་ཀླད་ཁ་གཏན་ཏེ་འདུག་སྟེགས་ལས་ཡར་ལངས་མ་ཐག རོ་སྟོད་དུ་རྣོངས་བབ་པ་དང་མིག་ཀོ་ཚ་བ། དཔྲལ་བར་ཟ་འཕྲུག་ལངས་བ་སོགས་རིམ་ཅན་དུ་ངལ་ཞིང་དུབ་འོང་བས་ང་ནི་ཚོད་ཚོད་དུ་གླང་བསྒྱིལ་རིང་པོ་ཞིག་དང་། ཁོག་དབུགས་རིང་རྔུབ་ཅིག་མོས་པ་ལ་ཚད་ཚོད་ཅིག་མི་འདུག་གོ།