སེམས་ཀྱི་ཉི་མ་ཕྱི་མའི་ལ་ཁར་བཞུད་རྗེས་ཀྱི་སྨྲེང་གླུ།

༄༅། །སེམས་ཀྱི་ཉི་མ་ཕྱི་མའི་ལ་ཁར་བཞུད་རྗེས་ཀྱི་སྨྲེང་གླུ།                                       ~~~~~སྟག་ཚང་རིག་རྒོད། ས་ཆེན་ཡངས་པོ་ཚད་པས་བཟུང་ཞིང་ནགས་ཀླུང་སྐྱོ་བོ་དྲི་མས་སྦཌ།། བསིལ་རླུང་འཇམ་པོ་རྒྱང་ལ་ཆས་ཤིང་ལྗོན་པའི་ཚོཌ་རྣམས་མྱ་ངན་བྱེད།། ཉི་མ་གཞོན་ནུ་འཕེལ་འགྲིབ་ལས་ཀྱིས་མི་འདུག་ཕྱི་མའི་ལ་ཁར་བཞུད།། མུན་པའི་དམག་གིས་སྣང་བ་ཉམས་པས་བདག་གི་འཇིག་རྟེན་སྨག་ལ་ཤོར།།   སྨུག་སྤྲིན་ལང་ལིང་མུན་པའི་དབྱིངས་སུ་འགུལ་མེད་བེམ་གཟུགས་ཉིད་དུ་གྱུར།། གྱ་གྱུའི་ལམ་ཕྲན་རྒྱང་ལ་ཟུག་ཀྱང་བགྲོད་པའི་གོམ་སྒྲ་ཐོས་མ་འགྱུར།། འབར་འབུར་རི་བོའི་རྩེ་མོ་འགའ་རེ་རྒྱ་མཚོར་ནུབ་པའི་མི་ཚོགས་བཞིན།། ཅུང་ཟད་སྣང་ཡང་རབ་རིབ་ཉིད་གྱུར་རིམ་བཞིན་མི་མངོན་དབྱིངས་སུ་ཆས།།   རྒྱང་རིང་གནམ་སའི་མཐུད་མཚམས་ཤིག་ནས་གྲོང་གི་གློག་སྒྲོན་མིག་ལ་འཆར།། ནན་གྱིས་ཉན་སྐབས་ཁྱི་ལྡོམ་འགའ་རེའི་ངུ་ཟུག་ཐོས་འཛིན་བུ་ཁར་གསལ།། སྲིན་འབུ་ལ་སོགས་སྲོག་ཆག་ཆུང་ཆུང་ཡར་མར་ངེས་མེད་ས་རུ་འཕུར།། བདག་ནི་ད་དུང་སེམས་ཀྱི་ཉི་མ་གང་ལ་བཞུད་པའི་ཤུལ་དུ་འཐོམས།།   སྐྱིད་སྡུག་འཚོ་བའི་འཇིག་རྟེན་འདི་ན་འོད་ཀྱི་སྣང་བས་སྟོང་གྱུར་ཕྱིར།། བདག་ཉིད་གདུངས་ཤིང་མིག་ཟུག་བགྲད་དེ་ཡིད་ཁམས་རྒྱ་མཚོ་བཞིན་དུ་འཁྲུཊ།། འདས་དོན་སྲིད་པའི་ལམ་ཕྲན་བཞིན་དུ་དྲན་པའི་ས་གཞིར་གསལ་ལེར་དོད།། འདྲེན་བྱེད་ཆུ་ཕྲན་ཡར་ཆབ་བཞིན་གྱུར་སྨྲེ་སྔགས་འོ་དོད་བར་མེད་ཤོར།།   སྐྱིད་ཤོད་ལྷ་ཡི་ཞིང་ཁམས་ཡངས་མོར་མུན་པའི་དཔུང་ཆེན་ལྷཌ་པའི་མོད།། སེམས་ཀྱི་ཉི་མ་རྒྱང་ལ་བཞུད་པའི་གཏམ་དེ་རྔ་ཆེན་བཞིན་དུ་གྲགས།། ཁྱེད་ཞལ་པད་གསར་སྒེག་པའི་ཉམས་ལྡན་བདག་གི་དྲན་པའི་ངོས་སུ་འཆར།། ཤུལ་ལུས་འཁྱམ་པོའི་འདྲེན་ཆེད་ཡོངས་སུ་དམར་པོར་གྱུར་ནས་ཧད་དེ་ལུས།།   ལྷན་འཛོམས་རྫོགས་ལྡན་དུས་ཀྱི་བག་ཆགས་རེམ་རེམ་མིག་ལ་ཤེད་ཀྱིས་གསལ།། མི་ལོ་བཞི་ཡི་སྐྱིད་སྡུག་སྣ་ཚོགས་དྲན་པའི་སྦུབས་སུ་རླུང་འཚུབ་བཞིན།། བདག་གི་ཚོར་ཤེས་འཆལ་ཞིང་ཉམས་པས་ཀུན་ཀྱང་གདུང་བའི་ཆོས་སུ་ཤར།། …

ལྷ་ལྡན་ཞིང་གི་དགའ་མར་སྤྲིངས་པ་གཡའ་དག་དགུང་གི་སྐར་ཚོམ།

  ས་རཱ་མཐོ་སློབ། སྟག་ཚང་རིག་རྒོད།      ཐོད་ཀྱི་ལྷུན་པོ་རབ་མཛེས་ལྗང་མདོག་གིས་བཀླུབས་ཤིང་།། ཡངས་པའི་ཁྱོན་དུ་སྣ་ཚོགས་མེ་ཏོག་གིས་རྒྱན་དུས།། ཆར་གྱི་ཟེགས་མ་འཐོར་བའི་སློབ་གླིང་གི་ཁྱོན་ན།། བྱ་སྐད་སྙན་མོ་སྒྲོག་པའི་དུས་བཟང་ཞིག་ཤར་བྱུང་།།   རྒྱུུན་གཏན་སློབ་ཐུན་བྱ་བ་རིམ་ཅན་དུ་རྫོགས་ཤིང་།། ཁེར་བུར་ཁང་ཆུང་དབུས་ན་བསམ་གཞིགས་ལ་རེམ་ཚེ།། གནའ་བོའི་རོལ་དབྱངས་ཤིག་གི་སྟངས་སྟབས་ལ་ཉན་དུས།། རྒྱང་རིང་མཛའ་མོ་དྲན་པའི་ན་ཟུག་ཅིག་སྐྱེས་བྱུང་།།

ནོར་གླིང་མཐོ་སློབ་ཀྱི་སྙན་ངག་ཆེད་བཀོད།

༈ ཕྱི་དྲོ།   ནོར་གླིང་མཐོ་སློབ།  གཅེར་བུ་པ། རྣང་ཞིང་ལྗང་བུས་དགུན་ཉི་བག་ཙམ་གྱོན།། ལ་ཡི་སྒང་ཟུར་དུ་སྨུག་སྔོ་སྐྱ་ལིང་།། ནགས་ཚལ་རྩེ་ནས་རྩེ་རུ་སྡོམ་རྒྱ་འདེབས།། ཉི་མ་ནུབ་ནས་ཤར་ཞིང་གྲིབ་མ་དག། བོངས་ཚད་ཆེ་རུ་ཕྱིན་ཅིང་རླུང་བུ་གྲང་།། རྒོངས་ཀ་མང་པོ་འདི་ནས་བུད་ཤུལ་དུ།། ཞག་སྨད་ཅིག་གི་ནུབ་ཆུ་སྐོལ་མགོ་བརྩམས།།

སྒོ་ཡོལ་གྱི་སྙན་ངག་ཚན་པ་གསུམ།

སེམས་གཅོང་། སྒོ་ཡོལ། དཀར་མཛེས། ངའི་ཚིག་ཇ་ཧུབ་གང་བཏུང་རྗེས། ཁྱོད་ལ་དྲག་འགུལ་མེད་སོང་བ་ཅི་ཞིག་རེད། ལས་དབང་འདི་སྡུག་དྲག་པའི་ཡིན་ནམ། ཀྱེ་་་ ང་ཡི་གཅེས་ཕྲུག་མ། ངའི་མཚན་ལམ་རིང་མོ་ཞིག་དལ་གྱིས་བཅད་མྱངས། སྐབས་དེར། མཚེར་ཤུལ་སྟོང་བ་ཞིག་ལས། ང་ལ་ཡོད་པ་ནི་སེམས་གཅོང་རེད། ངས་ཁྱོད་ལ་འཕྲིན་ཞིག་བསྐུར་ཡོད།

སྙན་ངག་གི་གླེགས་བམ་དཀར་པོ།

ན་ཟུག སྙན་ངག་གླེགས་བམ་དཀར་པོའི་པོ་ཏི་ལགས །། ཁྱོད་ཀྱི་གསེང་གི་ཡིག་འབྲུ་དཀར་དམར་དེར།། ཁོ་བོ་ཤིན་ཏུ་གློ་བ་ཉེ་བས་ན ། ། ཁྱེད་ཞལ་འཛུམ་ཁ་དགོད་ཀྱིན་ང་ལ་ལྟོས །།   བདག་གི་ཚོར་བའི་དགའ་སྡུག་ཞུ་སྟངས་སོམས།། བདག་སེམས་བྱང་རླུང་གྲང་བས་གཙབ་པའི་དུས །། མིག་ཆུ་ཁྱོར་བ་གང་ཙམ་བྱོ་བའི་དུས ། ། ང་ལ་སྙན་ངག་ཡོད་པས་ཞེ་རྩ་དྲོ ། །

གཙང་པོའི་རླབས་སྒྲའི་སྙན་ངག་ཚན་པ་གསུམ།

དུར་ས་མཐོང་བ།   རྩོམ་པ་པོ།   གཙང་པོའི་རླབས་སྒྲས། ང་ཞེ་སེམས་སྨྲེང་ཞོར་ཤུལ་དུ་ལུས།། ལས་གྲིབ་མ་འབྲུལ་བའི་མཚམས་ཤེད་ནས།། སང་མ་འོངས་ཟེར་བ་ཆ་མེད་ཅིག།། ཁྱོད་མ་བསྡད་དལ་གྱིས་བཞུད་སོང་ཐལ།།   མདང་ད་ཚོད་དགོད་སྒྲས་བསྐྱལ་བ་ནི།། སྐྱིད་འཇིག་རྟེན་འཛུམ་ཆུང་ཡག་ཚུལ་ཡིན།། སང་ཆ་མེད་ཁེར་ལམ་འགྲིམ་པ་པོ།། ཆོས་མ་ཎི་ཆ་རེ་ཡོད་ན་ཡག།

འོས་ལངས་ཀྱི་སྙན་ངག་ཚན་པ་གསུམ།

དུས་རབས་ཀྱི་དགེ་སློང་། རྩོམ་པ་པོ།   འོས་ལངས། རྫ་རི་མཐོན་པོ་འདི་ཡི་ཕ་རོལ་ན།། ཆུ་མོ་སྐྱ་བོ་འདི་ཡི་ཚུར་རོལ་དུ།། སེམས་རྒྱུད་བྱངས་སེམས་བརླན་པའི་ཐུབ་པ་ཞིག། དགོད་འཛུམ་ལྷོད་པོ་ཞིག་གིས་ཚུལ་དུ་བཞུགས།།   རི་སྒང་སྐྱ་བོ་ཞིག་གི་འདབས་རོལ་དུ།། ས་ཆུ་དོག་མོ་ཞིག་གི་བར་གསེབ་ན།། གནམ་ས་ཁྱོན་ནས་འགུལ་བའི་སྐྱེས་བུ་ཞིག། བརྩེ་བ་སྙིང་རྗེའི་འགྲོ་ལ་བརྩོན་ནས་བཞུགས།།

ང་ཡི་གྲྭ་ས་སྐྱིད་འཇོ་དགོན།

རྩོམ་པ་པོ།  ཐེས་མགོ་སྐལ་བཟང་རྡོ་རྗེས། ཀ་ཁའི་དབྱངས་རྟ་ངག་ནས་གྱེར་བའི་ཞིང་ས་དང་།། ཁ་མཚར་རོལ་རྩེད་རྣམ་པ་དབེན་པའི་གནས་མཆོག་ལ།། ག་པུར་དབང་གིས་འོད་ལྟར་རྒྱས་པའི་དགོན་རྙིང་སྟེ།། ང་ཡི་གྲྭ་ས་སྐྱིད་འཇོ་དགོན་པ་ཡིད་ནས་དྲན།།   ཅ་ཅོའི་འུར་ཟིང་བྲལ་བས་ཞི་གནས་བསམ་གཏན་འགྲུབ།། ཆ་ལུགས་ཆོས་གོས་གསུམ་རྒྱན་འདུལ་འཛིན་རྣམ་པས་ཕྱུག། ཇ་ཆང་མཚར་གླུ་མེད་པས་བླ་མའི་ཐུགས་དམ་འཕེལ།། ཉ་གང་དཀྱིལ་འཁོར་རྒྱས་འདྲའི་དགོན་འདི་ཨེ་མ་རྨད།།

ཧམ་པི་སྙན་ངག

རྩོམ་པ་པོ།  སྨར་གདོང་ནག རྡོ་དང་བྲག་རི་མང་བའི་རི་འདབས་དེར།། ལྷིང་འཇགས་དབུགས་རིང་འཐེན་སྟེ་ངལ་ཞིག་གསོ།།   མཚོ་དང་ཆུ་ཕྲན་དེ་དག་ཡིད་དུ་འོང་།། སྔོ་ལྗང་ཞིང་ཁ་དག་ནི་རིས་མོ་འདྲ།།   རྡོ་ཡི་སྒང་ལ་རྡོ་ཡིས་བརྗིད་ཉམས་ངོམ།། ཁ་ཐུག་བལྟས་ན་མི་ཡིས་བཟོས་བར་སྙམ།།   ཁ་མཚར་གཏམ་གླེང་འཚང་ག་རྒྱབ་སྟེ་བཤད།། དགོད་སྒྲ་དབར་ནས་སྤྲོ་བའི་གླུ་ཆུང་ལེན།།

བུ་མོ་ཞིག་དྲན་པ།

ནོར་གླིང་མཐོ་སློབ།   མེ་ཟླུམ། དོ་ནུབ་ང་རང་རི་སྡེ་ཞིག་གི་ཉེ་འགྲམ་ནས།། ཁྱེད་རང་དྲན་པའི་སེམས་ཀྱི་མཆི་མ་ས་རུ་ལྷུང་།། བརྩེ་བའི་ལོ་རྒྱུས་རྦབ་རླབས་བཞིན་དུ་འཕྱུར་བ་དེ།། སེམས་སོང་དགའ་ལོ་མིག་མཐར་འཁོར་བས་ལེ་ཡིན་འདོད།།   ཟླ་བའི་འོག་ཏུ་རོལ་དབྱངས་ཤིག་ལ་རོལ་བཞིན་དུ།། དགའ་བའི་འཛུམ་དང་སྤྲོ་བའི་སེམས་ཤིག་མེད་ན་ཡང་།། ཡིད་ཀྱི་འཕག་རྩ་དབང་མེད་ནང་དུ་ལྡང་བ་ཡིས།། བུ་མོ་ཁྱེད་རང་དྲན་པའི་སྙན་ངག་ཐོལ་གྱིས་འབྲི།།