“ འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་སྐྲུན་ཐབས་ ”སྐོར་ལ་དཔྱད་པ།

ནོར་གླིང་མཐོ་སློབ།   ལི་ཐང་དབྱིག་གཉེན། [ནང་དོན་གནད་བསྡུས། ] ཐུབ་པའི་དགོངས་པ་བཀའ་འགྱུར་དང་བསྟན་འགྱུར་ལས་ “འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས ” ་ཇི་ལྟར་བྱ་བ་དང་།  དེང་རབས་དང་མཐུན་པའི་ཐོག་ནས་༸ རྒྱལ་བ་རིན་པོ་ཆེའི་དགོངས་པ་ལྷན་ཐབས་བྱས་ཏེ་ཁ་གསལ་བྲིས་ཡོད། [བརྡ་ཆད་གཙོ་བོ།] བདག་གཞན་མཉམ་པ།  བདག་བས་གཞན་གཅེས།  གཅིག་མཚུངས།  འདྲ་མཉམ།

སུམ་ཅུ་པའི་མཆོད་བརྗོད་གསུམ་པ་རྟག་ཞི་བ་ལ་དཔྱད་པ།

ས་རཱ་མཐོ་སློབ། སོ་རུ་ཚེ་རིང་། དེ་ཡང་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་པ་སུམ་ཅུ་པའི་མཆོད་བརྗོད་གསུམ་པ་རྟག་ཞི་པ་དེ་ཉིད་དངོས་འཛིན་གནང་སྟངས་ལ་རྩོད་སྤོང་ཤིན་ཏུ་ཆེ་ན་ཡང་།སློབ་དཔོན་ཐོ་མིས་རང་འགྲེལ་མཐོང་བར་མི་མངའ་བས་བརྡ་སྤྲོད་མཁས་པ་མང་པོས་དངོས་འཛིན་བྱེད་སྟངས་དང་འགྲེལ་བཤད་བྱེད་སྟངས་སོགས་མི་མཐུན་པ་ཧ་ཅང་མང་།གང་ལྟར་བོད་ཀྱི་བརྡ་སྤྲོད་མཁས་དབང་སྔ་ཕྱི་ཀུན་གྱི་བཞེད་དགོངས་གཞི་རུ་བཞག་ནས་མཁས་པ་རྣམས་ཀྱི་འདོད་ཚུལ་དང་རང་གི་ལྟ་ཚུལ།རྟག་ཞི་བ་བོད་ཀྱི་བརྡ་སྤྲ་སྨྲ་བ་ཚོས་གང་ལ་དངོས་འཛིན་གནང་འདུག་པའི་སྐོར་དང་།སྡོམ་དང་བཅས་མཇུག་སྐྱོང་བ་སོགས་རྩ་དོན་གསུམ་གྱི་སྒོ་ནས་ཅུང་ཟད་ཅིག་གླེང་ན་ནི།

ལོ་རྒྱུས་དང་ཆོལ་ཁ་ཞེས་པའི་ཐ་སྙད་ཀྱི་བྱུང་རིམ་ལ་རགས་ཙམ་དཔྱད་པ།

  ས་རཱ་མཐོ་སློབ། ཐུབ་བསྟན་རྣམ་རྒྱལ། <ནང་དོན་གནད་བསྡུས།> དཔྱད་རྩོམ་འདིའི་ནང་ལོ་རྒྱུས་དང་ཆོལ་ཁ་ཞེས་པའི་ཐ་སྙད་གཉིས་ཀྱི་སྒྲ་བཤད་དང་། དེ་གཉིས་ཡིག་ཐོག་ལ་བྱུང་བའི་བརྒྱུད་རིམ་སོགས་གནད་དོན་ཁག་གཅིག་བསྡུས་ཏེ་བྲིས་ཡོད།

བོད་ཀྱི་བཙན་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱི་སྐོར་ལ་མདོར་ཙམ་གླེང་བ།

                                                            ས་རཱ་མཐོ་སློབ། ཀརྨ་མཚོ།         ནང་དོན་གནད་བསྡུས།     ༼དཔྱད་རྩོམ་འདིའི་ནང་དུ་དུས་རབས་བདུན་པའི་ནང་དུ་བྱོན་པའི་བོད་ཀྱི་བཙན་མོ་འབྲོ་བཟའ་ཁྲི་མ་ལོད་མཆོག་ནི་རུས་རྒྱུད་སེ་ལས་མཆེད་དེ་འབྲོ་ཚང་གི་རིགས་རུས་སུ་འཁྲུངས་ཚུལ།     དེ་ནས་བཙན་པོའི་ཆབ་སྲིད་ལ་ཞུགས་ཏེ་བཙན་པོའི་རྒྱལ་རབས་གསུམ་གྱི་རིང་ལ་སྲི་ཞུ་བསྒྲུབས་པའི་མཛད་རྗེས་ཀྱི་སྐོར་ལ་ཅུང་ཙམ་གླེང་ཁུལ་བྱས་པ་ཡིན། ༽ བརྡ་ཆད་གཙོ་བོ།     ༼བཙན་མོ།     འབྲོ།     འབྲོ་བཟའ་ཁྲི་མ་ལོད། ༽

<<སྙན་ངག་མེ་ལོང་>>གི་མཚན་བྱང་ལ་དཔྱད་པ།

 ས་རཱ་མཐོ་སློབ།  རྫ་སྲས་བདེ་ཆེན། [ནང་དོན་གནད་བསྡུས།]  སྙན་ངག་མེ་ལོང་གི་རྩ་དཔེ་དང་རྩ་འགྲེལ་རྣམས་སུ་དེའི་མཚན་བྱང་མི་འདྲ་བ་བཅུ་ཕྲག་ཅིག་བྱུང་བ་གསལ་འདོན་གྱིས་དེ་དག་ལས་ཚིག་རྒྱན་གྱི་བསྟན་བཅོས་ཞེས་པའི་མཚན་བྱང་ལ་ཆེད་དུ་དཔྱད་པ་བྱས་ཡོད།   [ཐ་སྙད་གཙོ་གྲས་ཁག]  མཚན་བྱང་། མཚན་དོན། སྙན་ངག་མེ་ལོང་། རྒྱན་གྱི་བསྟན་བཅོས། ཚིག་རྒྱན་གྱི་བསྟན་བཅོས། དོན་རྒྱན། སྒྲ་རྒྱན། ཚིག་རྒྱན།

བོད་ཀྱི་རྩོམ་རིག་མཚན་ཉིད་གཤིབ་བསྡུར།

ས་རཱ་མཐོ་སློབ། ལྷ་ཆེན་གྱིས་བརྩམས། བརྡ་ཆད་གཙོ་བོ། རྩོམ་རིག་གི་ལོ་རྒྱུས། རྩོམ་རིག་དར་ཚུལ། རྩོམ་རིག་གི་མཚན་ཉིད། མཚན་ཉིད་གཤིབ་བསྡུར། ནང་དོན་གནད་བསྡུས། རྩོམ་རིག་གི་ལོ་རྒྱུས་དང་འབྲེལ་ནས་འཕེལ་རིམ་བཤད་ཅིང་། མཁས་པ་དག་གིས་བོད་ཀྱི་རྩོམ་རིག་གི་མཚན་ཉིད་འཇོག་ཚུལ་ལ་འདྲ་སའི་ཆ་དང་མི་འདྲ་སའི་ཁྱད་པར་བསྡུར་བའོ།།

སི་ཏུའི་འགྲེལ་ཆེན་གྱི་རིན་ཐང་གླེང་བ།

སྔོན་གླེང་།  རྩོམ་པ་པོ།  སྟག་ཚང་རིག་རྒོད། འདི་ནས་རིན་ཐང་ཆེན་པོ་བདུན་ཀྱི་ཐོག་ནས་སི་ཏུའི་འགྲེལ་ཆེན་འདི་ཉིད་བོད་ཀྱི་བརྡ་སྤྲོད་པའི་ གཞུང་ལུགས་ཀུན་གྱི་གཙུག་གི་ནོར་བུ་ལྟ་བུ་ཡིན་པའི་བདེན་དཔང་ར་སྤྲོད་བྱེད་ཀྱིན་ཡོད།  དེའི་རྒྱུ་མཚན་ནི་རང་ཉིད་སི་ཏུ་པཎ་ཆེན་གྱི་རང་ལུགས་ལ་མཐོང་ཆེན་བྱེད་མཁན་ཞིག་ཡིན་པ་དང་།  ལྷག་པར་དུ་ཀུན་གྱི་མཐོང་སར་རླུང་ལྟར་གྲགས་པ་ནི་ཀུན་མཁྱེན་སི་ཏུའི་བརྡ་འགྲེལ་འདི་ནི་གཞན་ལས་ལྷག་པའི་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་པ་འདི་ཉིད་དང་།