ཨ་མ་ཚེ་རིང་ལོ་བརྒྱ།

རྩོམ་ཡིག་འདི་ཐེངས་ 10 བཀླགས་འདུག

ཨ་མ་ཚེ་རིང་ལོ་བརྒྱ།  རྩོམ་པ་པོ་རྨི་ལམ་བུ་མོ།

གནམ་སྟོང་གི་མི་ཡུལ་འདི་ཡི་འོག།

ས་སྟེང་ནས་བུ་མོ་ཁེར་འགྲོ་ངས།།

མ་དྲན་པའི་སེམས་སྡུག་དབྱངས་ལ་བཀུག།

བྱམས་བརྩེ་ཡི་ཁ་ཏ་གནང་བའི་མ།།

ཆུང་གོས་ལྷམ་གཡོགས་པའི་དྲིན་ཅན་མ།།

ཚེ་འདི་ཡི་ལུས་རྟེན་སྦྱིན་པའི་པའི་མ།།

བརྩེ་ཆེན་གྱི་བཀའ་དྲིན་མཚོ་ལས་ཟབ།།

ཐག་རིང་གི་བུ་ཕྲུག་ནང་ལ་སྒུག།

ནང་མ་མོ་ལྷན་འཛོམས་སྨོན་ལམ་འདེབས།།

ཐུགས་ཁུར་གྱི་བྱམས་བརྩེ་གངས་ལས་དཀར།།

ཨ་མ་ལགས་ཚེ་རིང་ལོ་བརྒྱ་ཤོགས།།

ཚེ་འདི་ཡི་ལུས་རྟེན་སྦྱིན་པའི་པའི་མ།།

ཨ་མ་ལགས་ཚེ་རིང་ལོ་བརྒྱ་ཤོགས།།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *