བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚོགས་བརྡ།

རྩོམ་ཡིག་འདི་ཐེངས་ 1129 བཀླགས་འདུག

༄༅།། ལྷག་བསམ་ཅན་གྱི་བཀུར་འོས་ས་གནས་ཁག་གི་བོད་རིགས་མཐོ་རིམ་སློབ་མའི་འགན་འཛིན་རྣམ་པའི་སྙན་ལམ་དུ་
ཆེད་ཞུ།

ཀུན་གྱིས་དགོངས་མངའ་བཞིན། སྔ་ལོར་མང་མོས་འོས་བསྡུར་གྱིས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཚོག་རྒྱུར་གཏན་འཁེལ་བྱུང་བ་ལྟར། ངེད་སྐབས་བཅུ་གཉིས་པའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་ལན་མང་གྲོས་བསྡུར་ཞུས་ཏེ། ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༣ ཚེས་༤ ནས་༩ བར་འཚོག་རྒྱུ་ཐག་ཆོད་ཟིན་ལ། ད་ལན་ཚོགས་ཆེན་འདིར་ས་གནས་ ༤༡ ནས་ཚོགས་བཅར་བ་ ༡༤༥ ཙམ་ཞུགས་རྒྱུའི་རེ་བ་བྱེད་བཞིན་ཡོད། འདུ་འཛོམས་ཀྱི་གོ་སྐབས་འདི་ནི་རང་ཅག་མཐོ་རིམ་སློབ་མ་རྣམས་ཀྱི་བར་ཤེས་རིག་དང་ཉམས་མྱོང་བརྗེ་རེས་ཀྱི་གོ་སྐབས་བཟང་པོ་ཞིག་ལགས་ན། ཕྱོགས་མཐར་ཁག་ཏུ་ཡོད་པའི་དོན་གཉེར་ཅན་གྱི་མཐོ་རིམ་སློབ་མ་རྣམ་པས་ཚོགས་ཆེན་འདི་ཉིད་གལ་གནད་ཆེན་པོར་གཟིགས་ཏེ། ཚོགས་བཅར་བ་གང་མང་མཉམ་ཞུགས་ཐུབ་པའི་རྒྱབ་སྐྱོར་གང་ལེགས་གནང་སྐྱོང་ཡོང་བར་མཁྱེན་མཁྱེན་ཞེས།

སྐབས་བཅུ་གཉིས་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ནས་
སྤྱི་ལོ་༢༠༡༨ སྤྱི་ཟླ ༢ ཚེས་༢ ཉིན་ཕུལ།

ཚོགས་བཅར་བ་རྣམས་ཀྱིས་ཐུགས་སྣང་དགོས་པའི་དོན་ཚན་ཁག
 ཚོགས་བཅར་བ་རྣམས་སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༣ ཡི་ཕྱི་དྲོ་ཆུ་ཚོད་ ༥ པའི་གོང་ཝཱ་ཎ་མཐོ་སློབ་ཏུ་འབྱོར་ཟིན་པ་དགོས།
 མཐོ་སློབ་སོ་སོར་ཕུལ་བའི་བརྗོད་གཞིའི་ཐོག་དཔྱད་རྩོམ་གང་ལེགས་རེ་འབྲི་དགོས་ལ། མཐོ་སློབ་རེ་ལ་གཏམ་བཤད་ཀྱི་དུས་ཡུན་སྐར་མ་ ༢༠ རེ་ཡོད།
 དཔྱད་རྩོམ་ཞིབ་ཕྲ་གང་ལེགས་བྲིས་ན་དགའ་བསུ་ཡོད་ངེས་ཀྱང་། ཚོགས་ཆེན་དུ་གཏམ་བཤད་སྐབས་ལ་དཔྱད་རྩོམ་གང་ཚང་སྒྲོགས་སྦྱང་མི་དགོས་པས། དེའི་ཆེད་དོན་ཚན་གནད་བསྡུས་བྱས་ཏེ་ཤར་རས་ངོས་(Projector)ལ་བསྟན་རྒྱུ་རེ་ཡང་གྲྭ་སྒྲིག་གནང་རོགས།

 དེ་བཞིན་སྤྱིའི་བརྗོད་གཞི་ ༡༤ ཡོད་པ་ཚང་མའི་ཐོག་ལ་དྲི་བ་དྲིས་ལན་དང་བསམ་འཆར་གདོན་རྒྱུའི་སྔོན་གྲབས་གནང་རོགས།
 ཚོགས་བཅར་བ་རྣམས་མཐོ་སློབ་སོ་སོའི་སྐུ་ཚབ་མཚོན་ནུས་པ་དང་བགློ་གླེང་ལ་དོན་གཉེར་ཅན་དགོས་པས། སྒེར་ལས་དང་སྤྲོ་འཆམ་གྱི་ཆེད་ལྟ་བུར་མི་ཡོང་བའི་ཐུགས་བསམ་བཞེས་གལ།
 ཚོགས་བཅར་བ་སོ་སོའི་ལམ་གྲོན་བརྒྱ་ཆ་༧༥ཚོགས་ཆེན་གོ་སྒྲིག་ཚོགས་པས་གཏང་རྒྱུ་དང་། དེ་མིན་ལམ་གྲོན་བརྒྱ་ཆ་ ༢༥ ཚོགས་བཅར་བ་རང་ངོས་ནས་བཏང་དགོས་ཀྱི་ཡོད། གལ་ཏེ་ལམ་གྲོན་རྣམས་རང་ཁོངས་སྒྲིག་འཛུགས་དང་སྤྱི་སྒེར་སུ་ཞིག་གིས་སྦྱིན་བདག་གནང་ན་དགའ་བསུ་ཡོད།
 གལ་ཏེ་མཐོ་སློབ་སོ་སོར་ཕུལ་བའི་བརྗོད་གཞི་རྣམས་ཀྱི་ནང་དོན་ཁ་གསལ་མ་བྱུང་ཚེ་ང་ཚོའི་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་གང་རུང་བརྒྱུད་གང་མགྱོགས་དོགས་འདྲི་གནང་རོགས།

ཚོགས་ཆེན་གྱི་བརྗོད་གཞི་དང་གཏམ་བཤད་གནང་མཁན་ས་གནས་ཁག་གཤམ་གསལ།
༡ ༽ མཐོ་རིམ་སློབ་མའི་ཁྲོད་ནས་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་ཐོན་མཁན་ཉུང་བའི་རྒྱུ་རྐྱེན།_ ལྡི་ལི་མཐོ་སློབ། རྣམ་རྒྱལ་གྲྭ་ཚང་། བི་ཇེ་བ་ཌ་(Vijaywada)

༢༽ མི་མང་གི་རྣམ་དཔྱོད་དང་སྤྱི་སེམས་ནི་ཆིག་སྒྲིལ་གྱི་རྩ་བ་ཡིན།_མཱ་ཡེ་སོར་མཐོ་སློབ། དགའ་ལྡན་ཤར་རྩེ་གྲྭ་ཚང་། དྷེ་ར་རྡུན།

༣༽ གནའ་དེང་གི་ཉམས་ཞིབ་ཐབས་ལམ་གྱི་མཚུངས་བསྡུར།_སཱ་ར་མཐོ་སློབ། འབྲས་སྤུངས་བློ་བསལ་གླིང་། མ་དྷི་ཡ་པར་དྷེཤ།(MP)
༤༽ དེང་དུས་བོད་ཀྱི་བུད་མེད་ཀྱི་ཤེས་ཡོན་གྱི་གནས་སྟངས་དང་འགན་འཁྲི།_རྣམ་གྲོལ་གླིང་བཙུན་དགོན། བྷ་ན་ར་སི་ཧིན་རྡུ་མཐོ་སློབ། བལ་ཡུལ་རྣམ་རྒྱལ་མཐོ་སློབ།
༥ ༽ ལྔ་དང་ལྔ་བཅུའི་འཆར་སྣང་གི་སྐོར།_ཏཱ་ལའི་བླ་མ་མཐོ་སློབ། སྨན་རྩིས་ཁང་། ཧེ་དྷ་ར་བྷཌ་(Hyderabad)
༦༽ ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་བའི་བྱུང་རིམ་དང་དགེ་མཚན།_ཀིརྟི་བྱེས་པ་གྲྭ་ཚང་། སྒྲོལ་མ་གླིང་། འཇམ་དབྱངས་ཆོས་གླིང་།
༧༽ ཆོལ་ཁའི་སྤྱི་འཐུས་ལས་ས་གནས་སྤྱི་འཐུས་འདེམས་ན་དགེ་མཚན་ཆེ་མིན་གླེང་བ།_ཤེས་རབ་དགའ་ཚལ་གླིང་། མེངྒ་ལོར། རྒྱུད་སྨད་གྲྭ་ཚང་།
༨༽ རིག་གནས་ནང་འདྲེན་གྱི་གལ་གནད་དང་ལོ་ཙཱ་བ་གསོ་སྐྱོང་བྱེད་ཐབས།_སེར་བྱེས་གྲྭ་ཚང། ཝཱ་ཎ་མཐོ་སློབ། དགའ་ལྡན་ཆོས་གླིང་།
༩༽ རྒྱ་གར་སྤྱི་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་ཐབས།_བྷ་རོ་ཌ། བཀྲིས་ལྷུན་པོ། ཅེ་ན་ཡི།
༡༠༽ གཞིས་ཆགས་ཁག་གི་གནས་སྟངས་དང་བོད་ཀྱི་རྩ་དོན་བར་གྱི་འབྲེལ་བ།_འབྲས་སྤུངས་སྒོ་མང་། ཅན་རྡི་སྒར། ཨེལ་པི་ཡུ་(LPU)
༡༡༽ བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་དང་མ་འོངས་པའི་རྩ་དོན་བར་གྱི་འབྲེལ་བ།_སྨན་རི་དགོན། བྷུན་ཏར་དགོ་འོས་མཐོ་སློབ། སེར་སྨད་གྲྭ་ཚང་།
༡༢ ༽ བོད་མི་ཕོན་ཆེ་ནུབ་ཕྱོགས་རྒྱལ་ཁབ་ཏུ་འགྲོ་བ་དེས་མ་འོངས་བོད་མིའི་སྒྲིག་འཛུགས་ཀྱི་སྲ་བརྟན་ལ་ཉེན་ཚབས་འབྱུང་མིན་གྱི་སྐོར།_ ནོར་གླིང་མཐོ་སློབ། དགའ་ལྡན་བྱང་རྩེ་གྲྭ་ཚང་། བྱང་ཆུབ་ཆོས་གླིང་།
༡༣༽ མཐོ་རིམ་སློབ་མས་བོད་མིའི་རྩ་དོན་དང་སྤྱི་ཚོགས་ཞབས་འདེགས་སྒྲུབ་ཐབས།_ ནཱེ་རོ་མཐོ་སློབ། ས་སྐྱ་མཐོ་སློབ། རྣམ་གྲོལ་གླིང་།
༡༤༽ མ་འོངས་པར་མཐོ་རིམ་སློབ་མའི་ཚོགས་ཆེན་ཚོགས་སྟངས་ལ་འགྱུར་བ་གང་སྟངས་དགོས་མིན་གྱི་སྐོར།_བྷེང་ལོར་མཐོ་སློབ། མོམ་བྷེ།

ཚོགས་བཅར་བའི་ས་གནས་དང་ས་མིག

ཨང་གྲངས།
བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་ཞུགས་མཁན་གྱི་ས་ གནས་ཁག
ཚོགས་བཅར་བའི་ས་མིག

བུ།   བུ་མོ།   ཁྱོན།
༡ ལྡི་ལི་མཐོ་སློབ།                                ༤     ༣         ༧
༢ རྣམ་རྒྱལ་གྲྭ་ཚང་།                            ༢                ༢
༣ བི་ཇེ་ཝ་ཌ། vijaywada                  ༢      ༢        ༤
༤ མཱ་ཡེ་སོར་མཐོ་སློབ། Mysore            ༢      ༢        ༤
༥ དགའ་ལྡན་ཤར་རྩེ་གྲྭ་ཚང་།                  ༢                 ༢
༦ རྡེ་ར་རྡུན།                                      ༢       ༡         ༣
༧ སཱ་ར་མཐོ་སློབ།                                ༤       ༣        ༧
༨ འབྲས་སྤུངས་བློ་བསལ་གླིང་གྲྭ་ཚང་།        ༢       ༢
༩ མ་དྷི་ཡ་པར་དྷེཤ།(MP)                      ༢       ༢        ༤
༡༠ རྣམ་གྲོལ་གླིང་བཙུན་དགོན།                ༢                  ༢
༡༡ བྷ་ན་རཱས་ཧིན་རྡུ་མཐོ་སློབ།(BHU)       ༣        ༣        ༦
༡༢ བལ་ཡུལ་རྣམ་རྒྱལ་མཐོ་སློབ།               ༢         ༡        ༣
༡༣ ཏཱ་ལའི་བླ་མ་མཐོ་སློབ།                      ༣          ༢         ༥
༡༤ སྨན་རྩིོས་ཁང་མཐོ་སློབ།                    ༣          ༢        ༥
༡༥ ཧེ་དྷ་ར་བྷཌ་(Hyderabad)            ༢            ༢       ༤
༡༦ ཀིརྟི་བྱེས་པ་གྲྭ་ཚང་།                         ༢
༡༧ སྒྲོལ་མ་གླིང་།                                 ༢
༡༨ འཇམ་དབྱངས་ཆོས་གླིང་།                  ༢
༡༩ ཤེས་རབ་དགའ་ཚལ་གླིང་།                 ༢        ༢            ༤
༢༠ མེངྒ་ལོར། (Mangalore)               ༢         ༡            ༣
༢༡ རྒྱུད་སྨད་གྲྭ་ཚང་།                            ༢
༢༢ སེར་བྱེས་གྲྭ་ཚང་།                            ༢
༢༣ ཝཱ་ཎ་མཐོ་སློབ།                               ༥         ༤          ༩
༢༤ དགའ་ལྡན་ཆོས་གླིང་།                       ༢
༢༥ བྷ་རོ་ཌ། (Baroda)                         ༢           ༢         ༤
༢༦ བཀྲིས་ལྷུན་པོ།                                 ༢
༢༧ ཅེ་ན་ཡི། (Chennai)                      ༢           ༢            ༤
༢༨ འབྲས་སྤུངས་སྒོ་མང་གྲྭ་ཚང་། ༢
༢༩ ཅན་རྡི་སྒར། (Chandigarh)           ༢             ༢            ༤
༣༠ ཨེལ་པི་ཡུ། (LPU)                           ༢             ༡             ༣
༣༡ སྨན་རི་དགོན།                                 ༢                            ༢
༣༢ བྷུན་ཏར་དགེ་འོས་མཐོ་སློབ།                ༣             ༤            ༧
༣༣ སེར་སྨད་གྲྭ་ཚང་།                            ༢
༣༤ ནོར་གླིང་མཐོ་སློབ།                          ༣              ༢            ༥
༣༥ དགའ་ལྡན་བྱང་རྩེ་གྲྭ་ཚང་།                  ༢
༣༦ བྱང་ཆུབ་ཆོས་གླིང་།                           ༢
༣༧ ནཱེ་རོ་མཐོ་སློབ། (Jawaharla Nehru University) ༢    ༢      ༤
༣༨ ས་སྐྱ་མཐོ་སློབ།                                 ༢
༣༩ རྣམ་གྲོལ་གླིང་།                                   ༢
༤༠ བྷེང་ལོར། (Bangarlore)                   ༤             ༣              ༧
༤༡ མོམ་བྷེ།                                            ༢              ༡               ༣
ཚོགས་བཅར་བའི་ས་མིག་ཁྱོན། ༡༤༥ ཡོད།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ངོ་སྤྲོད།
བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ནི་སྤྱི་ལོ་༢༠༠༦ལོར་རྒྱ་གར་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཁག་ཅིག་གིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ད་བར་ས་རཱ་མཐོ་སློབ་དང་ཏཱ་ལའི་བླ་མ་མཐོ་སློབ་སོགས་ས་གནས་ཁག་འདྲ་མིན་ལ་ཚོགས་ཆེན་ཐེངས་བཅུ་གཅིག་ཙམ་འཚོགས་ཟིན་ལ། ད་ལྟའི་ཆར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་བཞིན་ཚོགས་སྡེ་གསུམ་གྱི་ཐོག་ནས་གྲུབ་པའི་ཚོགས་ཆེན་ཞིག་ཡིན།
དང་པོ། ཞིབ་འཇུག་ཚོགས་ཆུང་། ཞིབ་འཇུག་ཚོགས་ཆུང་ནི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དགུ་པའི་སྐབས་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོགས་པ་འདིས་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་རྣམས་གོང་རིམ་གཞུང་དང་། གཞུང་འབྲེལ་མིན་པའི་ལྷན་ཁང་། ཚོགས་སྡེ་ཁག་ལ་དབུལ་རྒྱུ་དང་། ཚོགས་ཆེན་རིམ་པའི་གྲོས་ཆོད་ཀྱིས་གཙོས་ཚོགས་ཆེན་ཚོགས་ཚུལ་སོགས་ལ་ཞིབ་འཇུག་སོགས་གནང་གི་ཡོད།
གཉིས་པ། གོ་སྒྲིག་ཚོགས་ཆུང་། གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་དཔལ་འབྱོར་མཁོ་སྒྲུབ་དང་། ཚོགས་ཆེན་གྱི་བརྗོད་གཞི་གཏན་འབེབས། ཚོགས་ཆེན་དང་འབྲེལ་བའི་སྔ་ཕྱི་བར་གསུམ་གྱི་གྲ་སྒྲིག་བཅས་གནང་གི་ཡོད།
གསུམ་པ། སྤྱི་ཁྱབ་འབྲེལ་མཐུད་པ། སྤྱི་ཁྱབ་འབྲེལ་མཐུད་པས་ཞིབ་འཇུག་ཚོགས་ཆུང་དང་གོ་སྒྲིག་ཚོགས་ཆུང་གི་བར་གནས་ལྟ་བུར་བྱེད་པ་དང་། ལས་འགན་གཙོ་བོ་མཐོ་སློབ་ཁག་ལ་འབྲེལ་བ་གནང་རྒྱུ་དང་། ཚོགས་ཆེན་སྐབས་ཚོགས་པ་སྟངས་འཛིན་གནང་རྒྱུ་སོགས་ཡིན།
མདོར་ན་ཚོགས་སྡེ་ཆེན་མོ་གསུམ་ལས་གྲུབ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཉིད་ལ་འབོད་སྒྲ་གཉིས་ཡོད་པ་ནི། རང་ངོ་རང་ཤེས་དང་། རང་འགན་རང་འཁུར་ཞེས་པ་དེ་ཡིན། ཚོགས་པ་འདི་ནི་ཆོལ་ཁ་དང་ཚོགས་སྡེ་ཁག་གི་གཞན་དབང་དུ་མ་གྱུར་པའི་རང་དབང་ལྡན་པའི་སློབ་མའི་ཚོགས་ཆེན་ཞིག་ཡིན་ལ། ད་བར་མཐོ་རིམ་སློབ་མ་རྣམས་ཀྱི་འབྲེལ་ལམ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ། ཤེས་ཡོན་གྱི་གནས་བབ། སྒྲིག་འཛུགས་ཀྱི་གནས་བབ་སོགས་གལ་གནད་ཆེ་བའི་གནད་དོན་མང་པོའི་ཐོག་བགྲོ་གླེང་དང་གྲོས་ཆོད་བཞག་ནས་ཚོགས་སྡེ་ཁག་ལ་ཕུལ་དང་འབུལ་མུས་མ་ཟད། ཚོགས་ཆེན་འདི་ནི་མཐོ་རིམ་སློབ་མ་རྣམས་ཀྱི་བདེ་སྡུག་དང་མ་འོངས་མདུན་ལམ་སོགས་ཀྱི་ཐོག་བགྲོ་གླེང་བྱ་སའི་གླེང་སྟེགས་ཆེ་ཤོས་ཤིག་ཡིན། ངོ་སྤྲོད་རྒྱས་པ་ཚོགས་ཆེན་སྐབས་མཁྱེན་ངེས།

གསལ་བཤད། ཚོགས་བརྡའི་གསལ་བསྒྲགས་འདི་འབྱོར་བ་དང་གང་མགྱོགས་མཐོ་སློབ་སོ་སོའི་
ཚོགས་བཅར་བ་འདེམས་བསྐོས་ཀྱིས་གཏམ་བཤད་གྲ་སྒྲིག་བྱ་རྒྱུ་དུས་འགྱངས་མེད་པར་གནང་རོགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *