དཔྱད་རྩོམ་འགྲན་བསྡུར་གྱི་གསལ་བསྒྲགས།

རྩོམ་ཡིག་འདི་ཐེངས་ 838 བཀླགས་འདུག

༄༅། ། རྒྱ་བལ་འབྲུག་གསུམ་དུ་བཞུགས་པའི་ཤེས་ལྡན་བཙན་བྱོལ་བོད་རིགས་མཐོ་རིམ་སློབ་མ་ཡོངས་ལ་ཆེད་

ཞུ།

ཀུན་གྱིས་མཁྱེན་གསལ་ལྟར། ལོ་ལྟར་བོད་རིགས་མཐོ་རིམ་སློབ་མའི་གོ་སྒྲིག་ཚོགས་ཆུང་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་རིགས་མཐོ་རིམ་སློབ་མའི་བར། བོད་དབྱིན་སྐད་ཡིག་གཉིས་ཀྱི་ནང་དཔྱད་རྩོམ་འགྲན་བསྡུར་བྱེད་སྲོལ་བཞིན། འདི་ལོ་ཡང་སྐབས་བཅུ་གཉིས་པའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་ངོས་ནས། བོད་རིགས་གཞོན་སྐྱེས་སྤྱིར་དང་བྱེ་བྲག་མཐོ་རིམ་སློབ་མའི་ཤེས་ཡོན་དང་བསམ་བློ་འཁྱེར་སོ་སོགས་དང་འབྲེལ་བའི་བརྗོད་གཞི་ཁག་བཞིའི་ཐོག་ལ་དཔྱད་རྩོམ་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་ཡོད་ལགས་ན། གཤམ་གསལ་བརྗོད་གཞི་བཞི་པོ་གང་རུང་གི་ཐོག་ལ་དཔྱད་རྩོམ་འབྲི་མཁན་སློབ་མ་གང་མང་ཡོང་བའི་རེ་སྐུལ་ཞུ་བཞིན་མཆིས།།

དཔྱད་རྩོམ་གྱི་བརྗོད་གཞི།

༡ བོད་རིགས་གཞོན་སྐྱེས་རྣམས་ཀྱིས་རང་གི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ།

༢ བཙན་བྱོལ་སློབ་གྲྭ་ཁག་གི་འདས་མ་ད་གསུམ་གྱི་གནས་སྟངས།

༣ བོད་རིགས་མཐོ་རིམ་སློབ་མའི་ཁྲོད་ནས་ཤེས་འཇོན་གཉིས་ལྡན་པ་ཐོན་མཁན་ཉུང་བའི་རྒྱུ་རྐྱེན་གླེང་བ།

༤ བོད་རིགས་ན་གཞོན་ཚོའི་རང་འཁུར་དང་རྒྱལ་གཅེས་ཀྱི་འདུ་ཤེས་ཉམས་རྐྱེན་དང་གོང་འཕེལ་བཏང་ཐབས།

 དཔྱད་རྩོམ་གྱི་ཆ་རྐྱེན་ཁག

༡ བརྗོད་གཞི་དང་འབྲེལ་བའི་སྤྱི་ཚོགས་ཀྱི་དངོས་ཡོད་ལ་རྟོག་ཞིབ་དང་ལུང་རིགས་ཀྱི་སྒྲུབ་བྱེད་ཡོད་པ།

༢ ཡིག་གཟུགས་ཧི་མ་ལ་ཡ་ཡིན་ན་ཆེ་ཆུང་ ༡༨ དང་། སྨོན་ལམ་ཡིག་གཟུགས་ཡིན་ན་ཆེ་ཆུང་ ༡༤ ཐོག་འབྲི་དགོས།

༣ དཔྱད་རྩོམ་ཉུང་མཐར་ཤོག་གྲངས་༧ དང་། མང་མཐར་ཤོག་གྲངས་ ༡༠ལས་མི་བརྒལ་བ།

༤ དུས་ཡུན་སྤྱི་ལོ་ ༢༠༡༧།༡༡།༢༤ནས་ སྤྱི་ལོ་ ༢༠༡༨།༡།༡༥བར་གློག་འཕྲིན་ཁ་བྱང་(gangtuk3@gmail.com)ཞེས་པར་འབུལ་ཚར་ངེས་དགོས། དེ་བས་ཕྱིར་འགྱངས་བྱུང་ན་རྩིས་མེད་ཡིན།

དཔྱད་རྩོམ་གྱི་བྱ་དགའ་རིམ་པ།

ཨང་རིམ་དང་པོ་ལ་ཧིན་སྒོར། ༧༠༠༠

ཨང་རིམ་གཉིས་པ་ལ་ཧིན་སྒོར། ༥༠༠༠

ཨང་རིམ་གསུམ་པ་ལ་ཧིན་སྒོར། ༤༠༠༠

ཨང་རིམ་བཞི་པ་ལ་ཧིན་སྒོར། ༣༠༠༠

ཨང་རིམ་ལྔ་པ་ལ་ཧིན་སྒོར། ༢༠༠༠

ཨང་རིམ་བདུན་པ་བར་གཟེངས་བསྟོད་ཕྱག་འཁྱེར་རེ་དབུལ་རྒྱུ་ཡིན།

མཆན། དཔྱད་རྩོམ་ལེགས་གྲལ་གང་མང་མཐོ་རིམ་སློབ་མའི་དུས་དེབ་ཐོག་དགོད་རྒྱུ་ཡིན།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *