འཆར་ཀའི་འབོད་པ།

རྩོམ་ཡིག་འདི་ཐེངས་ 262 བཀླགས་འདུག

རྩོམ་པ་པོ། སྟག་ཚང་རིག་རྒོད།

ཟླུམ་གཟུགས་ས་ཡི་ཡང་སྟེང་དེ་ན་སྣོད་བཅུད་མེ་ཏོག་མངོན་པར་བཞད་ཅིང་ཤེས་རིག་འབྲུ་ཡི་སྙེ་མ་ལྡེམ།།

ཐོས་དང་སྒོམ་པ་བསམ་པའི་ལམ་ཡངས་ངལ་བས་བགྲོད་དེ་ས་ཆེན་རྩེ་མོར་སྲོལ་རྒྱུན་རིག་པའི་སྒྲོན་མེ་སྦར།།

དཀར་ནག་རྒྱ་དང་བལ་བོ་ལ་སོགས་ཤེས་རིག་དཔལ་མོ་ཉ་གང་ཟླ་བའི་ལེགས་ཚོགས་མ་ལུས་འབད་པས་བཏུས།།

མཐོ་སྒང་ཉི་མའི་ཁྱིམ་རྒྱུད་རྩེ་མོར་མུན་པའི་འཇིག་རྟེན་ཡོངས་སུ་བརླགས་ཤིང་སྣང་བའི་འོད་ཀྱིས་འགྲོ་རྣམས་བསྐྱངས།།

 

མཐའ་ཡས་རྒྱ་མཚོའི་འགྲམ་ངོགས་དེ་ནས་སྲིད་པའི་སྐར་ཆེན་ཤཱཀྱའི་རྒྱལ་པོའི་ཐེག་མཆོག་ནོར་བུ་བོད་དུ་དྲངས།།

དབྱངས་གསལ་ཉི་ཟླའི་འོད་རླབས་ཁྲོད་དུ་མདོ་སྔཌ་ཟུང་གི་འཇའ་མཚོན་རབ་བཀྲ་ཉམས་རྟོཌ་ཆར་གྱི་ཟེགས་མ་འཐོར།།

མཁན་སློབ་ཆོས་དང་ཆོས་རྒྱལ་རྣམ་གསུམ་ས་ཆེན་དྲིན་གྱིས་སྐྱོང་བར་མཛད་དང་ལོ་པཎ་ནམ་མཁའི་སྐར་ཚོཌ་བཞིན།།

བསྟར་ལ་བརྒྱུས་པའི་གངས་ཅན་མེས་པོ་ས་གསུམ་གྲགས་པ་ཀུན་གྱི་ངལ་བས་གླེགས་བམ་ལྷུན་པོའི་སྤོ་ལྟར་བརྩེགས།།

 

 

ཆེན་པོ་ཐང་དང་འཕགས་པའི་ཡུལ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་མང་པོས་མཐོ་སྒང་ས་ཆེན་ཞབས་ཀྱིས་འཇལ།།

དཀར་ནག་རྩིས་དང་སྙན་ཚིག་ལ་སོགས་ལྔ་རིག་ནས་ཀྱི་ས་བོན་རིན་ཆེན་མཐོ་སྒང་ས་ཡི་ཕང་བར་བཏབ།།

རིས་མེད་གྲུབ་མཐའི་ཁྱུ་མཆོག་དག་གིས་ཐོས་བསམ་སྒོམ་པས་ཉམས་རྟོཌ་བཙལ་ཅིང་རིག་པའི་གད་རྒྱངས་ས་གསུམ་ཁྱབ།།

གདོང་དམར་བོད་ཀྱི་སྙན་པའི་བ་དན་ཤར་ནུབ་སྲིད་པའི་ཁྱོན་དུ་གྲགས་ཤིང་ཁ་འབབ་ཤེས་རིག་རྒྱ་མཚོར་འདྲེས།།

 

གསོ་བྱེད་སྨན་དང་བརྟག་བྱེད་རྩིས་སོགས་འགྲོ་ལ་སྨིན་པའི་ཐུགས་རྗེའི་བྱིན་རླབས་ཧི་མ་ལ་ཡའི་ཆོས་སུ་བཞེངས།།

མཛེས་བྱེད་རྒྱན་དང་མཚར་བྱེད་རིས་སོགས་འདབ་རྒྱས་ལྗོན་པའི་ཚུལ་གྱིས་རྒྱས་པ་གངས་ཅན་པ་ཡི་བསོད་དུ་སྨིན།།

དམ་ཆོས་རིན་ཆེན་ཐོས་བསམ་སྒོམ་པའི་མངལ་དུ་སྦྲུམས་ཤིང་གངས་རིའི་མགུལ་དུ་ན་བུན་བཞིན།།

ཁྱབ་ཅིང་རྒྱས་པའི་རིག་པ་འདི་དག་གངས་ཅན་མེས་པོའི་དྲིན་གྱིས་དྲངས་ཤིང་མཐོ་སྒང་འགྲོ་བའི་གཤིས་སུ་འཇགས།།

 

 

 

དིང་འདིར་མཐོ་སྒང་ཁ་བའི་ལྗོངས་སུ་དམར་པོའི་མེ་ལྕེ་རབ་ཏུ་འབར་ལ་འགྲོ་བས་སྨྲེ་སྔགས་དིར་དིར་སྒྲོག །

ལྔ་རིག་ནོར་བུའི་འོད་མདངས་ཉམས་ཤིང་མེས་པོའི་བླ་མཁར་ཁྲག་གིས་སྦངས་ཏེ་རྣམ་ཤེས་ཁྲི་ཚོ་བར་དོར་འཁྱམས།།

ཡབ་མེས་ཕྱག་གིས་ལེགས་པར་བཞེངས་པའི་བཀའ་བསྟན་རིན་ཆེན་མེ་རུ་བསྲེཌ་ཤིང་དུ་ཞགས་སྔོ་མོའི་དགུང་དུ་འཕྱུར།།

ཆོས་ལྡན་ཞིང་ཁམས་དགྲ་ལ་ཤོར་ནས་སྣོད་བཅུད་མ་ལུས་གདུང་ཞིང་མནར་བས་བཙན་པོའི་ཞབས་རྗེས་ནུབ་ཁའི་ཉི།།

 

སྨག་རུམ་ཁྲོད་དུ་སྐར་ཆེན་བཞིན་གྱུར་འགྲོ་བའི་མགོན་པོའི་ཐུགས་རྗེ་ཉིད་ལས་ཡུལ་བྱོལ་ས་མཐའི་གྲུ་ཁ་རུ།།

བཙན་པོའི་སྙིང་སྟོབས་མེ་རོ་གསོས་ཤིང་ཁ་བའི་བླ་སྲོག་འཛིན་ཅིང་སྤེལ་བའི་བུ་སློབ་སྟོང་ཚོ་ངལ་བས་བསྐྱངས།།

ཤར་ནུབ་རྒྱལ་ཁམས་ཚེཌ་ཀྱིས་འགྲིམས་ཤིང་ཀུན་ཁྱབ་ཐུགས་རྗེའི་གཟིཌ་པ་ཡངས་མོར་དཀར་ནག་འགྲོ་བ་ཀུན་གྱིས་འདུད།།

ཁ་བའི་རིག་གནས་ནཌ་ལས་སྐྱེས་གྱུར་རྒྱ་སྟག་བཞིན་དུ་གཟི་བྱིན་གད་རྒྱང་ཕྱོཌ་མཐར་ཁྱབ་མཛད་མགོན་པོར་རྨད།།

 

 

 

འཕཌ་ཡུལ་ནཌ་ཀྱི་དཀྱིལ་འཁོར་དབུས་ནས་དབྱངས་གསལ་སོ་བཞིའི་གཏེར་མཛོད་སྐྱོང་མཛད་མཁས་པའི་ཁྱུ་ཚོཌ་མང་དུ་འཕེལ།།

ཞེན་དང་བརྩེ་བས་རིང་དུ་བསྐྱངས་གྱུར་བུ་སློབ་རྒྱ་མཚོའི་མུ་ཏིག་འདྲ་བོས་ཁ་བའི་ཕུགས་འདུན་མཛེས་པར་བྱས།།

དཀའ་སྡུག་ལོ་ཟླ་དམྱལ་ཁམས་འདྲ་བོར་བརྩོན་པས་གདོང་ལེན་ཤེད་ཀྱིས་གནང་བས་གངས་ཅན་པ་ཞེས་མཚན་སྙན་གྲགས།།

གཞིས་བྱེས་མཉམ་འཛོམས་སྙིང་ལ་བརྣག་པའི་ལོ་ཟླ་དྲུག་བཅུ་ཁད་ཀྱིས་འདས་ཀྱང་ཀ་ཁའི་དབྱངས་རྟ་ཕྱོགས་མཐར་ཁྱབ།།

 

ནུབ་ཁའི་ཉི་མའི་ཆོས་སུ་གྱུར་བའི་གངས་ཅན་པ་ཡི་ཤེས་རིག་སྣ་ཚོགས་དགེ་བའི་བཤེས་གཉེན་ཚོགས་རྣམས་ཀྱིས།།

གཅེས་པའི་བུ་བཞིན་ཡུན་དུ་བསྐྱངས་ཤིང་སྨིན་པར་གྱུར་པའི་རླབས་ཆེན་མཛད་པ་ཤར་རིའི་རྩེ་ནས་འཕྲོས་པ་འདི།།

ཇི་སྲིད་ཉི་ཟླའི་འཆར་ནུབ་མ་དགག་དེ་སྲིད་སྲིད་པའི་འཇིག་རྟེན་འདི་ན་འགྱུར་མེད་རྡོ་རིང་བཞིན་དུ་གནས།།

ཁ་བའི་རྗེས་འཛིན་ཁྲི་དང་འབུམ་གྱིས་བསྟོད་པའི་མེ་ཏོག་ཅིག་ཅར་འཐོར་ས་དགེ་བའི་བཤེས་གཉེན་ཁྱེད་རྣམས་ཡིན།།

 

 

སྨན་ལྗོངས་ཁ་བའི་ཞིང་ཁམས་འདི་ན་རང་དབང་བདེ་སྐྱིད་ཉི་མ་ཤར་ཚེ་མདོ་དབུས་ཁམས་གསུམ་སྐྱེ་འགྲོ་ཀུན།།

བསྔགས་པའི་བསྟོད་གླུ་ཁྱེད་ལ་འབུལ་ཞིང་དད་པའི་སོར་བཅུ་སྙིང་ཁར་སྦྱར་འགྱུར་ཁ་བའི་མགོན་སྐྱབས་ཁྱེད་རྣམས་ཡིན།།

སྔོན་གཤེགས་མེས་པོ་མཛད་པ་ཅན་ཚོས་ངལ་བའི་ཁྲོད་ཀྱི་རེ་བའི་ཕུགས་འདུན་མ་ལུས་སྒྲུབ་མཁས་བཤེས་གཉེན་ཚོགས།།

སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་འགྱུར་བཙན་པོའི་སྙིང་སྟོབས་ཞུམ་པ་མེད་པར་མཛད་རྗེས་ནམ་མཁར་མཉམ་པ་ཤོག །

 

ཁྱད་པར་གླིང་འདིའི་བུ་སློབ་མང་པོའི་ཕུགས་ཀྱི་ལམ་ཆེན་ཁྱོད་ཀྱིས་བསྟན་ཅིང་གངས་རིའི་བདག་པོར་འགྱུར་བ་དགོས།།

གླེགས་བམ་རི་བོའི་གཏོད་དང་མཉམ་པའི་དོན་གྱི་བདག་པོ་ཁྱོད་ཉིད་ཡིན་ལ་འཛིན་ཅིང་སྤེལ་བའི་མཛད་པ་སྐྱོངས།།

ཁ་བ་རི་བའི་སྲོག་གི་ཐག་པ་ཁྱོད་དང་སྦྲེལ་བས་ངལ་བའི་ལམ་ཆེན་བརྩོན་པས་བགྲོད་ལ་མཁས་པའི་གོ་ས་བཟུང་བ་བྱོས།།

ཇི་སྲིད་ཁྱོད་ཀྱི་མཛད་པ་མ་ཉམས་དེ་སྲིད་གངས་རིའི་བླ་སྲོག་མི་འཇིག་བདག་སོགས་རྨོངས་པའི་མགོན་སྐྱོབས་མཛོད།།

སྤྱི་ལོ་ ༢༠༡༧ ཟླ་བ་ ༩ ཚེས་ ༥དགེ་རྒན་དུས་ཆེན་ཉིན་སློབ་དཔོན་ཚོཌ་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཕུལ་བ་འདིས་བདག་སོགས་ཤེས་རིག་གི་དབུཌ་རྒྱུན་རིང་དུ་གནས་པར་སྨོན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *